班禅新年祝福

  新添岁月,春满山河。亲爱的朋友们,在这岁序更替、春回大地的美好时节,我谨向海内外藏族同胞致以藏历水兔新年的祝福,罗萨扎西德勒!

  2022年,我光荣地列席了中国共产党的二十大开闭幕会。大会擘画了全面建设社会主义现代化国家、以中国式现代化全面推进中华民族伟大复兴的宏伟蓝图。广大藏传佛教界人士欢欣鼓舞,更加明晰了服务国家发展、人民幸福、民族复兴的正确方向。

  2022年,我在西藏走访了很多基层乡村、寺庙,感受到日新月异的发展变化,看到乡亲们笑脸更美更甜。西藏千百年来的绝对贫困问题得到历史性消除,乡亲们为守护神圣国土、建设美好家园而自豪。宗教信仰自由和正常的宗教活动有效保障,僧尼的修行、生活条件极大改善。

  我们要饮水思源,懂得今天之所以享有和平安宁、越来越好的生活,根本在于以习近平同志为核心的党中央坚强领导和特殊关怀。我们要知恩感恩,发自内心地拥护、忠诚、爱戴人民领袖习近平主席。

  我与藏传佛教界人士交流探讨,就藏传佛教与社会主义社会相适应、为全面建设社会主义现代化新西藏作贡献形成了很多共识。广大藏传佛教界人士要致力于拥护中国共产党的领导,维护国家统一和民族团结,履行爱国爱教、护国利民的庄严使命。这是作为释迦牟尼佛陀的追随者,利益众生、利乐有情的正信修行,也是引领藏传佛教健康传承的光明前途。

  过去的一年,我们每个人都不容易,都是自己的英雄。疫情没有打败我们,困难没有压垮我们,反而让我们内心更加坚强、坚韧,更加懂得守望相助、团结奋斗的意义。

  新的一年,让我们敬畏生命,感恩自然,珍惜拥有,携手同行,坚信胜利曙光就在前头。

  新的一年,让我们从中华优秀传统文化中汲取营养,长养我们自强不息的浩然之气,长养我们慈悲悯人、利他即善的至善之心,长养一切诸善根,不断提升我们的精神修为。

  新的一年,让我们孝敬好老人,教育好子女,涵养清正家风,护持家庭和睦。

  新的一年,让我们相信本自具足,日日积德行善,种好心中福田,获得如愿善果。

  愿除苦良药,一切安乐源,教法得护持,长久住世间。

  让我们以圆满欢喜的心迎接藏历水兔新年的到来。祈愿伟大祖国风调雨顺、欢乐祥和、国泰民安!祈愿世界和平、众生喜乐!祝大家新年快乐、皆得所愿!扎西德勒!

  མཛའ་བརྩེ་ལྡན་པའི་གྲོགས་པོ་རྣམ་པ་ཚོ།  ལོ་ཟླའི་ཟོ་ཆུན་ལན་གཅིག་འཁོར་ནས། གནམ་ལོའི་རང་ཞལ་གསར་དུ་ངོམས་པའི་དུས་འདིར། ངས་རྒྱལ་ཁབ་ཕྱི་ནང་དུ་བཞུགས་པའི་བོད་རིགས་སྤུན་ཟླ་རྣམས་ལ་བོད་ཆུ་ཡོས་ལོའི་ལོ་གསར་གྱི་སྨོན་འདུན་ཞུ་རྒྱུ་ཡིན། བཀྲ་ཤིས་བདེ་ལེགས།

  སྤྱི་ལོ་2022ལོར་ང་རང་གཟི་བརྗིད་ལྡན་པའི་ངང་ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་ཉི་ཤུ་པའི་འགོ་མཇུག་གི་ཚོགས་ཆེན་ལ་ཟུར་ཞུགས་ཞུས་པ་ཡིན། ཚོགས་ཆེན་གྱིས་ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་དང་ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེར་སྐུལ་འདེད་གཏོང་བའི་བརྗིད་ཆེའི་འཆར་འགོད་གནང་ཡོད། རྒྱ་ཆེའི་བོད་བརྒྱུད་ནང་བསྟན་པ་རྣམས་དགའ་སྤྲོ་རབ་ཏུ་འཕེལ་ཞིང་སྐུལ་མ་ཡང་ཆེན་པོ་ཐེབས་ཡོད་ལ། རྒྱལ་ཁབ་ཀྱི་གོང་འཕེལ་དང་། མི་དམངས་ཀྱི་བདེ་སྐྱིད། མི་རིགས་ཀྱི་བསྐྱར་དར་བཅས་ལ་ཞབས་འདེགས་ཞུ་བའི་ཡང་དག་ཁ་ཕྱོགས་དེ་བས་གསལ་བར་གྱུར་ཡོད།

  སྤྱི་ལོ་2022ལོར། ང་རང་བོད་ལྗོངས་ཀྱི་གཞི་རིམ་ཞང་གྲོང་དང་། དགོན་སྡེ་མང་པོར་བསྐྱོད་པ་ཡིན། དེ་གར་ཉིན་རེ་བཞིན་གོང་འཕེལ་དང་འགྱུར་ལྡོག་འགྲོ་བའི་མྱོང་ཚོར་ཟབ་མོ་བྱུང་ལ། ཡུལ་མི་རྣམས་ཀྱི་འཛུམ་མདངས་ནས་བདེ་སྐྱིད་ཀྱི་ཚོར་བ་མངོན་པའང་མཐོང་བྱུང་།

  ལོ་ངོ་སྟོང་ཕྲག་རིང་ཐག་མ་ཆོད་པའི་བོད་ཀྱི་ལྟོས་མེད་དབུལ་ཕོངས་དེ་ཉིད་ལོ་རྒྱུས་རང་བཞིན་གྱིས་སེལ་ཐུབ་ཡོད་ལ། ཡུལ་མི་རྣམས་ནས་བླ་ན་མེད་པའི་རྒྱལ་ཁོངས་སྲུང་སྐྱོང་དང་། མཛེས་སྡུག་ལྡན་པའི་ཁྱིམ་གཞིས་འཛུགས་སྐྲུན་བྱེད་པ་དེའང་རང་ཉིད་ཀྱི་གཟི་བརྗིད་དང་སྤོབས་པར་འཛིན་གྱི་འདུག ཆོས་དད་རང་མོས་དང་རྒྱུན་གཏན་གྱི་ཆོས་ལུགས་བྱེད་སྒོར་འགན་སྲུང་ཡག་པོ་ཐུབ་ཡོད་པ་དང་། གྲྭ་བཙུན་གྱི་ཐོས་བསམ་ཉམས་ལེན་དང་འཚོ་བའི་ཆ་རྐྱེན་ཡང་ཕུན་སུམ་ཇེ་ཚོགས་སུ་ཕྱིན་འདུག

  ང་ཚོས་ཆུ་འཐུང་དུས་ཆུ་འགོ་དྲན་དགོས་པ་བཞིན། དུས་བདེ་ལྷིང་འཇགས་དང་ཉིན་རེ་བཞིན་ཡར་རྒྱས་འགྲོ་བའི་འཚོ་བ་འདི་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་སྲ་ཞིང་བརྟན་པའི་དབུ་ཁྲིད་དང་། དམིགས་བསལ་གྱི་ཐུགས་འཁུར་གནང་བ་ལས་བྱུང་བ་ཞིག་རེད། ང་ཚོས་དྲིན་ཚོར་བའི་ཐོག་ནས་མི་དམང་ཀྱི་གཙོ་འཛིན་ཀྲུའུ་ཞི་ཞི་ཅིན་ཕིང་ལ་སྙིང་དབུས་ནས་སྲུང་སྐྱོང་དང་། ལྷག་བསམ། བརྩི་བཀུར་བཅས་ཞུ་དགོས།

  བོད་བརྒྱུད་ནང་བསྟན་གྱི་མི་སྣ་རྣམས་དང་གླེང་མོལ་བྱེད་སྐབས། བོད་བརྒྱུད་ནང་བསྟན་འདི་ཉིད་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བ་བྱེད་རྒྱུ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱ་རྒྱུར་ལེགས་སྐྱེས་འབུལ་དགོས་པའི་བསམ་ཚུལ་གཅིག་མཐུན་བྱུང་སོང་། རྒྱ་ཆེའི་བོད་བརྒྱུད་ནང་བསྟན་པ་ཚོས་ཀྲུང་གོ་གུང་ཁྲན་ཏང་གི་དབུ་ཁྲིད་ལ་བརྩི་བཀུར་དང་། རྒྱལ་ཁབ་ཀྱི་གོང་བུ་གཅིག་གྱུར་དང་། མི་རིགས་ཀྱི་མཐུན་སྒྲིལ་ལ་སྲུང་སྐྱོང་། རྒྱལ་གཅེས་ཆོས་གཅེས་དང་རྒྱལ་སྐྱོང་འགྲོ་ཕན་གྱི་བླ་ན་མེད་པའི་འོས་འགན་ལེགས་པར་བསྒྲུབ་རྒྱུའི་ཐད་ནུས་ཤུགས་འདོན་དགོས། འདི་ནི་སྟོན་པའི་རྗེས་འཇུག་པ་ཞིག་གིས་འགྲོ་བར་ཕན་འདོགས་པ་དང་། བྱམས་དང་སྙིང་རྗེ་བཅངས་པའི་ཉམས་ལེན་རྣམ་པར་དག་པ་ཞིག་རེད་ལ། བོད་བརྒྱུད་ནང་བསྟན་རྒྱུན་འཛིན་ལེགས་པར་བྱ་རྒྱུར་ཁྲིད་སྟོན་བྱེད་པའི་མདུན་ལམ་འོད་སྟོང་ལྡན་པ་དེ་ཡང་རེད།

  འདས་ཟིན་པའི་ལོ་གཅིག་གི་ནང་ང་ཚོ་ཚང་མ་མི་རེ་རེ་ནས་ལས་སླ་པོ་ཞིག་བྱུང་མ་སོང་། ཚང་མ་རང་ངོས་ནས་དཔའ་བོ་ཤ་སྟག་རེད། ནད་ཡམས་ཀྱིས་ང་ཚོ་ཞུམ་པར་བྱེད་ཐུབ་མེད་ལ། དཀའ་ངལ་གྱིས་ཀྱང་ང་ཚོ་ཞུམ་མེད། དེ་ལས་ལྡོག་སྟེ་ང་ཚོའི་བློ་རྩ་སྔར་བས་བརྟན་པ་དང་། སྙིང་སྟོབས་ཆེ་རུ་ཕྱིན་ནས་ཕན་ཚུན་རོགས་རེས་དང་མཐུན་སྒྲིལ་འབད་འཐབ་བྱེད་པའི་དོན་སྙིང་གཏིང་ཟབ་ཏུ་རྟོགས་ཡོད།

  ལོ་གསར་པའི་ནང་ང་ཚོས་ཚེ་སྲོག་ལ་བདག་སྐྱོང་དང་། འབྱུང་ཁམས་ལ་སྲུང་སྐྱོབ། ད་ལྟའི་བདེ་སྐྱིད་ལ་གཅེས་སྤྲས། དཔུང་པ་མཉམ་གཤིབ་ཀྱིས་བསྐྱོད་དེ། རྒྱལ་ཁའི་སྐྱ་རེངས་འཆར་ལ་ཉེ་བར་ཡིད་ཆེས་བརྟན་པོ་བྱེད་དགོས།

  ལོ་གསར་པའི་ནང་ང་ཚོས་ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཁྲོད་ཀྱི་ཉིང་བཅུད་བསྡུ་ལེན་བྱས་ནས། འབད་བརྩོན་ལྷོད་མེད་ཀྱིས་སྙིང་སྟོབས་ཆེར་བསྐྱེད་དང་། བྱམས་པ་དང་སྙིང་རྗེས་རང་སེམས་དུལ་བར་བྱས་ནས། གཞན་ཕན་གྱི་དགེ་རྩ་རྒྱ་ཆེར་སྤེལ་ཐུབ་པ་བྱེད་དགོས།

  ལོ་གསར་པའི་ནང་ཚང་མས་རྒན་རབས་ཚོར་སྲི་ཞུ་དང། ཕྱི་རབས་ལ་སློབ་གསོ་ཡག་པོ་གཏོང་བ། ཁྱིམ་སྲོལ་བཟང་པོ་འཛུགས་སྐྱོང་བྱས་ནས་ཁྱིམ་ཚང་འཆམ་མཐུན་ཡོང་བ་བྱེད་དགོས།

འཇིག་རྟེན་ཡངས་པའི་རྒྱལ་ཁམས་ཐམས་ཅད་དུ། །
མི་ནད་ཕྱུགས་ནད་སད་སེར་ཐན་པ་དང༌། །
དམག་འཁྲུག་མུ་གེའི་རྒུད་པ་ཀུན་ཞི་ནས། །
ཚེ་རིང་ནད་མེད་བདེ་སྐྱིད་ལྡན་པར་ཤོག །
འགྲོ་བའི་སྡུག་བསྔལ་སྨན་གཅིག་པུ། །
བདེ་བ་ཐམས་ཅད་འབྱུང་བའི་གནས། །
བསྟན་པ་རྙེད་དང་བཀུར་སྟི་དང༌། །
བཅས་ཏེ་ཡུན་རིང་གནས་གྱུར་ཅིག །

  ཅེས་པའི་སྨོན་ལམ་དང་འབྲེལ་བོད་ཆུ་ཡོས་ལོའི་གནམ་ལོ་གསར་པའི་ནང་། འཛམ་གླིང་ཞི་བདེ་ཡོང་བ་དང་། མེས་རྒྱལ་སྟོབས་འབྱོར་རྒྱས་པ། ཆར་ཆུ་དུས་སུ་བབས་པ། ལོ་ཕྱུགས་རྟག་ཏུ་ལེགས་ཤིང་། འགྲོ་རྣམས་ཆོས་འབྱོར་བདེ་སྐྱིད་ཀྱི་དཔལ་ལ་ལོངས་སུ་སྤྱོད་པའི་བཀྲ་ཤིས་སྨོན་འདུན་ཞུ་རྒྱུ་ཡིན། བཀྲ་ཤིས་བདེ་ལེགས། །