མདུན་ཤོག > ཆེད་སྒྲིག > ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ། > པར་རིས་གསར་འགྱུར།

རྩ་བ་ཏང་ལ་འབྲེལ། ། བརྩེ་བ་དམངས་ལ་བཅངས། །

2025-05-30

            ཉེ་བའི་ལོ་འགའི་རིང་ལ།  དཔལ་མགོན་རྫོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་རིགས་བྱ་བར་ཤུགས་སྣོན་དང་ལེགས་བསྒྱུར་བྱེད་པའི་མཛུབ་སྟོན་དགོངས་པ་གལ་ཆེན་སློབ་སྦྱོང་ལག་བསྟར་བྱས་ཏེ།  ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེསབརྟན་པོར་འཛུགས་པ་དེ་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་དང་མི་རིགས་ས་ཁུལ་གྱི་བྱ་བ་སོ་སོའི་གཙོ་རྐང་དུ་འཛིན་པའི་བླང་བྱ་དམ་འཛིན་བྱས་ནས།  བོད་རང་སྐྱོང་ལྗོངས་ཏང་ཨུའིརྒྱལ་ཡོངས་མི་རིགས་མཐུན་སྒྲིལ་སྔོན་ཐོན་ལྗོངས་འཛུགས་སྐྲུན་ལ་ཤུགས་སྣོན་པཡི་བླང་བྱར་དམ་པོར་དམིགས་ཏེ།  བློ་བརྟན་འགྱུར་མེད་ངང་མི་རིགས་མཐུན་སྒྲིལ་སྔོན་ཐོན་དེ་མཐུན་མཛེས་དཔལ་མགོན་འཛུགས་སྐྲུན་དང་།  དཔལ་མགོན་ཡུན་རིང་བདེ་འགོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་འབྱུང་བའི་ལས་འགན་གཙོ་བོར་བཞག་ནས་འཆར་འགོད་སྐུལ་འདེད་བཏང་ཡོད།  དཔལ་མགོན་རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་བར་མཐོང་ཆེན་བྱས་ཏེ།  འགོ་ཁྲིད་གཙོ་བོས་དངོས་སུ་འཆར་འགོད་དང་དངོས་སུ་སྐུལ་འདེད་བཏང་ནས། “སེའུ་འབྲུའིསྒྲོག་ཁྲིད་རུ་ཁག་སྒྲིག་འཛུགས་བྱས་ཏེ།  རྒྱུན་འཆད་མེད་པར་མི་རིགས་མཐུན་སྒྲིལ་ཡར་ཐོན་སྒྲོག་ཁྲིད་སློབ་གསོ་གཏིང་ཟབ་ངང་སྤེལ་ཡོད།


དཔལ་མགོན་རྫོང་གིསེའུ་འབྲུའིསྒྲོག་ཁྲིད་རུ་ཁག་གི་དཔུང་སྐྱོད་མཛད་སྒོ།

            གཅིག   ཡོང་ས་མི་དམངས་ཡིནཞིང་། “རྩམ་པའི་བཅུད་དང་ལྡནལ།  “དུས་ཀྱི་བྲོ་བ་མངའབའི་སྒྲོག་འབྲེལ་རུ་ཁག

            མཐོ་ཚད་ལ་རྒྱ་མཚོའི་ངོས་ལས་སྨིད4700ཡོད་པའི་བྱང་ཐང་དུ། ཁ་ཆར་བུ་ཡུག་རྒྱུན་ཆད་མེད་པར་འཚུབ་བཞིན་ཡོད་ཀྱང་།  དཔལ་མགོན་རྫོང་གིསེའུ་འབྲུའིསྒྲོག་ཁྲིད་རུ་ཁག་གིས་གྲང་ངར་ལ་འཛེམ་དོག་སྤུ་ཙམ་ཡང་མི་བྱེད་པར་མུ་མཐའ་མེད་པའི་རྩྭ་ཐང་དུ་མི་རིགས་མཐུན་སྒྲིལ་ཡར་ཐོན་དྲིལ་སྒྲོག་སློབ་གསོ་གཏིང་ཟབ་སྒོས་སྤེལ་བཞིན་འདུག   ཁོ་ཚོའི་ཟིན་དེབ་སྟེང་དུ།  རིགས་སོ་སོའི་མི་དམངས་ཀྱིས་ཀྲུང་གོའི་ཁྱིམ་གཞིས་ཆེན་མོར་འགྲོ་འོང་དང་སྤེལ་རེས།  མཉམ་འདྲེས་བྱུང་ཞིང་།  ས་ཞིང་མཉམ་འདེབས་དང་ཕྱུགས་ཟོག་མཉམ་འཚོ་བྱེད་པའི་ངོ་མཚར་གྱི་གཏམ་རྒྱུད་ཀྱིས་ཁེངས་འདུག   དེ་དག་གི་ཁྲོད་དུཁུང་ཧྥན་སིན་གྱི་སྙིང་སྟོབསཡོད་ཅིང་།  སྒྲོལ་དཀར་དང་གཡང་འཛོམས་ལྕམ་སྲིང་གཉིས་ཀྱིས་མཐའ་མཚམས་སྲུང་བཡི་ཡིད་དབང་འགུག་པའི་གཏམ་རྒྱུད་ཡོད་ལ།  ལྷག་པར་དུཆི་ཨེ་ཆོན་གྱིས་བྱང་ཐང་དུ་རྐང་བཙུགས་ནས་དམངས་ཀྱི་ཆེད་དུ་ཧུར་བརྩོན་བྱས་པདང་།  མི་རིགས་མཐུན་སྒྲིལ་བརྗོད་དོན་དུ་བྱས་པའི་གར་སྟེགས་ཟློས་གར་ཆེན་མོརྒྱ་བོད་གསེར་ཟམདང་།  ཝེ་ཞོ་ཏེ་ཧྥེ་དང་ཡེ་ཤེས་སྒྲོལ་མ་གཉིས་ཀྱི་བདེ་སྐྱིད་ཀྱི་འཚོ་བསོགས་མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་མང་པོའི་གཟི་དཔལ་དཔལ་མགོན་དུ་འཚེར་ཡོད།  གཏམ་རྒྱུད་འདི་དག་ནི་            སྒྲོག་འགྲེལ་མཁན་གྱི་གོམ་སྒྲ་དང་ལྷན་དུ་འབྲོག་ཁུལ་གྱི་སྦྲ་གུར་དང་།  སློབ་གྲྭའི་སློབ་ཁང་།  སྡེ་ཁུལ་གྱི་སྲང་ལམ་བཅས་སུ་ཕྱིན་ནས།  སེའུ་འབྲུའིའབྲུ་རྡོག་རེ་རེ་བཞིན།  འཆམ་མཐུན་མཛེས་སྡུག་ལྡན་པའི་དཔལ་མགོན་རྫོང་གི་གྲུ་ཟུར་རེ་རེར་བཏབ་ཡོད།

            དཔལ་མགོན་རྫོང་གིསེའུ་འབྲུའིསྒྲོག་འགྲེལ་རུ་ཁག་ནི2024ལོའི་ཟླ5བར་དབུ་བརྙེས་པ་རེད།  རྫོང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ(མི་རིགས་མཐུན་སྒྲིལ་སྔོན་ཐོན་འཛུགས་གཏོད་གཞུང་ལས་ཁང)ཡིས་རྫོང་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་ཀྱི་ཁྲོད་ནས་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་ཅིང་།  ཀུན་སྤྱོད་ཀྱི་བྱང་ཚད་མཐོ་བ།  གཞུང་ལུགས་ཀྱི་ཆུ་ཚད་ལེགས་པ།  སྒྲོག་འགྲེལ་གྱི་ཉམས་མྱོང་ལྡན་པ་བཅས་ཀྱི་ཁྱད་ཆོས་ལྡན་པའི་རྐང་འཛིན་མི་སྣ་བདམས་ནས།   སེའུ་འབྲུའིསྒྲོག་འགྲེལ་རུ་ཁག་སྒྲིག་འཛུགས་བྱས།  སེའུ་འབྲུའིསྒྲོག་འགྲེལ་རུ་ཁག་གི་ཕྱོགས་བསྡུས་བྱང་ཚད་མཐོར་འདེགས་གང་ལེགས་གཏོང་ཆེད།  རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་མི་སྒེར་དང་།  རང་སྐྱོང་ལྗོངས་ཀྱི་ཕུལ་བྱུང་སྒྲོག་འགྲེལ་མཁན་ཉི་མ་ཚེ་རིང་དང་།  བོད་ལྗོངས་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་བཅས་གདན་དྲངས་ནསསེའུ་འབྲུའིསྒྲོག་འགྲེལ་རུ་ཁག་ལ་དྲ་ལམ་དང་དྲ་ཕྱི་ཟུང་འབྲེལ་སྒོས་སློབ་ཁྲིད་དང་།  ལས་དོན་ཐད་གསོ་སྦྱོང་མི་དམན་པ་བྱས་ནས།  སྒྲོག་འགྲེལ་རུ་ཁག་ལརྩམ་པའི་བཅུད་དང་ལྡནལ།  “དུས་ཀྱི་བྲོ་བ་མངའབའི་སྒྲོག་འགྲེལ་ཡི་གེ་བྲིས།


དཔལ་མགོན་རྫོང་གིསེའུ་འབྲུའིསྒྲོག་ཁྲིད་རུ་ཁག་གིས་རྩྭ་ཐང་དུ་སྒྲོག་འགྲེལ་བྱེད་བཞིན་པ།

            གཉིས།  ཁྲིད་སྟེགས་སྟེང་དུ་སྐྱོདདེ།  མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཡིད་འོང་མེ་ཏོག་དཔལ་མགོན་རྩྭ་ཐང་སྟེང་དུ་བཞད་པར་བྱས།

            སྒྲོག་འགྲེལ་གྱི་གོ་རིམ་ཁྲོད་དུ།  སེའུ་འབྲུའིསྒྲོག་འགྲེལ་རུ་ཁག་གི་རུ་མི་ཚོ་དུས་བཞིའི་འབྲོག་ར་དང་།  སློབ་རའི་ཁྲིད་སྟེགས།  སྡེ་ཁུལ་སྲང་ལམ་བཅས་སུ་ཕྱིན་ཏེ། ཉན་པར་སྤྲོ་བ་དང་།  མི་སེམས་འགུག་པཡི་རྣམ་པའི་ཐོག་ནས།  ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་སློབ་གསོ་མི་སེམས་ལ་ཟུག་པར་བྱས་ཡོད།

            རྩྭ་ཐང་གིགནམ་ཁེབས་མེད་པའི་སྒྲོག་འགྲེལཁྲོད་དུ།  སེའུ་འབྲུའིསྒྲོག་འགྲེལ་རུ་ཁག་གི་རུ་མི་ཚོ་རྒྱང་ཐག་རིང་བའི་འབྲོག་ཁུལ་དུ་ཕྱིན་ཏེ།  གནམ་སྔོན་པོ་མགོ་སྦྲ་བྱས་ཤིང་།  ཐང་ཡངས་མོ་གདན་ལ་བཏིང་སྟེ།  རྒྱ་ཆེའི་འབྲོག་པ་མང་ཚོགས་དང་ལྷན་དུ་བསྡད་ནས་ཏང་གི་མི་རིགས་སྲིད་ཇུས་གླེང་ཞིང་།  རྒྱ་ཆེའི་འབྲོག་པ་མང་ཚོགས་ལ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་དགོས་ཚུལ་གྱི་ཐད་ནས་གོ་བསྐོན་བློ་འགུག་བྱས་པ་དང་།  ངོས་ལེན་ལྔཇེ་ཟབ་དང་།  གཅིག་མཐུན་བཞིབརྟན་པོར་བཙུགས་ཏེ།  མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གི་སྐུལ་འདེད་མཁན་དང་སྲུང་སྐྱོབ་མཁན་བྱེད་པར་སྐུལ་མ་བཏང་ཡོད།

            སློབ་རའིབྱིས་བློ་མཉམ་འུརཁྲོད་དུ།   སེའུ་འབྲུའིསྒྲོག་འགྲེལ་རུ་ཁག་གི་རུ་མི་ཚོ་ཁྲིད་སྟེགས་སྟེང་དུ་བསྐྱོད་དེ།  ང་ཡི་ཀྲུང་ཧྭར་དགའ་ཞེས་པའི་འགུལ་སྐྱོད་དང་ཟུང་འབྲེལ་བྱས་ཏེ།  རིགས་སོ་སོའི་བྱིས་པ་རྣམས་ལ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སེམས་འགུལ་ཐེབས་པའི་གཏམ་རྒྱུད་དག་བཤད་ནས།  ཁོ་ཚོར་ཡང་དག་པའི་རྒྱལ་ཁབ་ཀྱི་ལྟ་བ་དང་།  ལོ་རྒྱུས་ཀྱི་ལྟ་བ།  མི་རིགས་ཀྱི་ལྟ་བ། རིག་གནས་ཀྱི་ལྟ་བ།  ཆོས་ལུགས་ཀྱི་ལྟ་བ་བཅས་བརྟན་པོར་ཆགས་པར་སློབ་གསོ་བཏང་ནས།  མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ས་བོན་མེས་རྒྱས་ཀྱི་མ་འོངས་པའི་མེ་ཏོག་དག་གི་སེམས་ཀྱི་ཟབ་སར་བཞད་དུ་བཅུག་ཡོད།


དཔལ་མགོན་རྫོང་གིསེའུ་འབྲུའིསྒྲོག་ཁྲིད་རུ་ཁག་གི་རུ་མི་སྒྲོག་འགྲེལ་བྱེད་དུ་འགྲོ་བཞིན་པ།

            སྡེ་ཁུལ་ཤང་གྲོང་རྡལ་གྱིབརྗོད་དོན་གཙོ་བོའི་འཆད་ཁྲིདཐོག་ཏུ།   སེའུ་འབྲུའིསྒྲོག་འགྲེལ་རུ་ཁག་གི་རུ་མི་ཚོ་སྡེ་ཁུལ་དང་ཤང་གྲོང་རྡལ་གྱིས་རྩ་འཛུགས་བྱས་པའི་མང་ཚོགས་ཀྱི་ཁྲོད་དུ་ཕྱིན་ཏེ།  གོ་སླ་བའི་ཚིག་དང་ཡིད་འཕྲོག་པའི་གཏམ་ལ་བརྟེན་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཀྱི་ནང་དོན་ཟབ་མོ་དང་དོན་སྙིང་གལ་ཆེན།  རིགས་སོ་སོའི་མི་དམངས་ཀྱིས་ཐུན་མོང་ཐོག་འབད་བརྩོན་ལྷོད་མེད་དང་ཐུན་མོང་ཐོག་དར་རྒྱས་འབྱོར་ཕྱུག་ཡོང་བའི་གཏམ་རྒྱུད་དག་མཉམ་སྤྱོད་བྱས་ཏེ།  རིགས་སོ་སོའི་མང་ཚོགས་ལཁ་འབྲལ་ཐབས་མེད་པ་གསུམགྱི་བསམ་བློ་བརྟན་པོར་ཆགས་པར་སྐུལ་མ་བཏང་ནས།  ཐུན་མོང་ཐོག་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་རྣམ་པ་བཟང་བོར་སྲུང་སྐྱོང་བྱས་ཡོད།

            གསུམ། སེའུ་འབྲུའིནུས་སྣང་།  ལྟ་བ་གཅིག་མཐུན་ནས་འགུལ་སྐྱོད་གཅིག་མཐུན་གྱི་འཕོ་འགྱུར།

            “སེའུ་འབྲུའིསྒྲོག་འགྲེལ་རུ་ཁག་གི་སྒྲིག་འཛུགས་བྱས་པ་ནས་ད་ལྟའི་བར་དུ།  བསྡོམས་པས་སྒྲོག་འགྲེལ་བྱེད་སྒོ་ཐེངས620ལ་སྤེལ་བ་དང་།  མང་ཚོགས་མི་ཐེངས་ཁྲི4.2ལ་ཕན་ཐོགས་ཡོད།

            འབྲོག་ཁུལ་དུ།  དུས་ཆེན་ལ་སླེབས་ཐེངས་རེ་རེར།  རིགས་སོ་སོའི་ལས་བྱེད་མང་ཚོགས་དག་གདན་ཐོག་གཅིག་ལ་འཛོམས་ནས།  སྙན་པའི་གླུ་དང་མཛེས་པའི་གར་འཁྲབ་བཞིན།  དགའ་དགའ་སྤྲོ་སྤྲོའི་ངང་ནསང་ཚོའི་དུས་ཆེནགྱི་མུ་འབྲེལ་བྱེད་སྒོར་རོལ་བ་དང་།  སློབ་གྲྭ་རུ།  རིགས་སོ་སོའི་སློབ་མ་རྣམས་ཀྱིསསློབ་སྦྱོང་ཚོ་ཆུངསྒྲིག་ནས།  ཕན་ཚུན་ལ་སྐད་རིགས་ཁྲིད་པ་དང་།  ཕན་ཚུན་ལས་གླུ་གར་སྦྱོང་བཞིན་མཆིས།  སྡེ་ཁུལ་དུ།  རིགས་སོ་སོའི་མང་ཚོགས་རྣམས་སྲང་ལམ་གྱི་མགོ་རྔར་འཛོམས་ནས།  རང་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་འོས་སྦྱོར་བྱེད་བཞིན།  གཅིག་རོགས་གཅིག་གིས་བྱེད་བཞིན་དགའ་སྤྲོའི་དཔལ་ལ་རོལ་བཞིན་ཡོད།

            དཔལ་མགོན་གྱི་ག་ས་གང་དུ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཡིད་སེམས་འགུག་པའི་གཏམ་རྒྱུད་ཀྱིས་ཁེངས་ཡོད་ལ།  ག་ས་གང་རུ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སེའུ་འབྲུའི་མེ་ཏོག་སྡུག་གུར་བཞད་ཡོད།  དཔེར་ན།  ནང་སའི་ཡུལ་སྐོར་བ་དག་གིས་སྒེར་འཁོར་བཏང་ནས་དཔལ་མགོན་བརྒྱུད་པའི་ལམ་བར་དུ་དཀའ་ཁག་ལ་འཕྲད་ན།  ས་གནས་ཉེན་རྟོག་པས་མྱུར་དུ་རོགས་སྐྱོབ་བྱས་ནས་ཉེན་ཁ་ལས་སྐྱོབ་བཞིན་ཡོད་པ་དང་།  ཡུལ་སྐོར་བ་ཕྱིར་ཕ་ཡུལ་དུ་ལོག་རྗེས།  འཕྲེད་དར་དང་བཀའ་དྲིན་ཞུ་བའི་ཡི་གེ་སྐུར་བཞིན་ཡོད་པ་ལྟ་བུ།  ཁོ་ཚོའི་འཕྲིན་ཡིག་ཏུ་དཔལ་མགོན་ཉེན་རྟོག་པར་བཅངས་པའི་བླ་མེད་ཀྱི་བཀའ་དྲིན་དང་བརྩེ་བ་ཡོད་ཅིང་།  དེ་བས་ཀྱང་མི་རིགས་མཐུན་སྒྲིལ་གྱི་ལག་ལེན་མངོན་ཡོད།  འདི་དག་ཚང་མ་དཔལ་དགོན་རྫོང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་ལག་ལེན་བྱེད་པའི་བསྡུས་གཟུགས་ཤིག་ཡིན་ལ།  འདི་ལྟ་བུའི་ཡིད་སེམས་འགུག་པའི་གཏམ་རྒྱུད་ཉི་མ་རེར་དཔལ་མགོན་གྱི་ག་ས་གང་དུ་བྱུང་བཞིན་ཡོད་པས།  ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་བསམ་པ་དེ་དཔལ་མགོན་གྱི་རིགས་སོ་སོའི་ལས་བྱེད་མང་ཚོགས་ཀྱི་སེམས་སུ་ཐིམ་ཡོད་ཅིང་། ཁོ་ཚོས་རང་གི་བྱ་སྤྱོད་དངོས་ལ་བརྟེན་ནས།  ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་གཞིས་ཆེན་མོའི་ཁྲོད་དུ་རིགས་སོ་སོའི་མི་རྣམས་ཀྱིས་སེམས་པ་གཅིག་ཏུ་སྦྲེལ་ཅིང་།  གཅིག་ལ་གཅིག་རྟེན་དུ་གནས་པའི་མཛའ་བརྩེ་ཟབ་མོ་ཀུན་ལ་མངོན་ཡོད།


རིགས་སོ་སོའི་མི་རྣམས་ཀྱིསང་ཚོའི་དུས་ཆེན”རོལ་བཞིན་པ།

            བཞི།  ཐུན་མོང་གི་ཁྱིམ་གཞིས།  མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དུས་རབས་ཀྱི་ལེའུ་གསར་པ་ལེགས་པར་རྩོམ།

            ས་གཞིར་སྨག་རུམ་གྱོན་དུས།  དཔལ་མགོན་རྫོང་མི་རིགས་མཐུན་སྒྲིལ་ཐང་ཆེན་དུ་མེ་ཕུང་སྒྲོན་བྱུང་།  རིགས་སོ་སོའི་ལས་བྱེད་མང་ཚོགས་ཚོས་ལུས་ལ་གཟབ་གོས་སྤྲས་ཤིང་།  གདོང་ལ་འཛུམ་མདངས་འཕྱུར་བཞིན།  ལྡེམ་པའི་སྐོར་བྲོ་འཁྲབ་དུས།  སྙན་འཇེབས་ཀྱི་གླུ་སྐད་བྲག་ཅར་མཆེད་ནས་དཔལ་མགོན་གྱི་གནམ་ས་ཡོངས་སུ་ཁྱབ་བྱུང་།

            “སེའུ་འབྲུའིསྒྲོག་འགྲེལ་རུ་ཁག་གི་རུ་མི་ཚོསཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་བཙུགས་ནས།  རིགས་སོ་སོའི་མི་རིགས་ཀྱི་འགྲོ་འོང་དང་སྤེལ་རེས་དང་མཉམ་འདྲེས་ལ་སྐུལ་འདེད་གཏོང་དགོསཞེས་པའི་ཞྭ་མོ་དམར་པོ་གྱོན་ཞིང་རྒྱབ་ཁུག་ནག་པོ་ཁུར་ནས་འགྲོ་བས།  རབ་རིབ་ཀྱི་མི་ཚོགས་ཁྲོད་དུ་མིག་ལ་ལྷག་པར་གསལ་བ་ཞིག་ཡིན།  སྒྲོག་འགྲེལནསལག་ལེནདང་།   མཉམ་འདུནནསམཉམ་འགུལབར་དུ།  ཁོ་ཚོས་རང་གི་བྱ་སྤྱོད་དངོས་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་བཞིན།  རིགས་སོ་སོའི་མི་རིགས་ཀྱི་འགྲོ་འོང་དང་སྤེལ་རེས་དང་མཉམ་འདྲེས་ལ་སྐུལ་འདེད་བཏང་སྟེ། དཔལ་མགོན་རྫོང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་གཏོང་བར་སྟོབས་ཤུགས་གསར་པ་སྣོན་བཞིན།  སེའུ་འབྲུའི་མེ་ཏོག་བཞད·མཐུན་མཛེས་དཔལ་མགོན་མཛེསཞེས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གི་ལེའུ་གསར་པ་མཉམ་དུ་འབྲི་བཞིན་ཡོད།