ཟླ8པའི་ཚེས14ཉིན། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་གླེང་སྟེགས་ཟི་ལིང་དུ་འཚོགས་མགོ་བརྩམས། ཀྲུང་དབྱང་བོད་ལྗོངས་བྱ་བའི་མཐུན་སྦྱོར་ཚན་ཆུང་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གཞོན་པ་དགྲ་འདུལ་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། ཧྲིན་ཀྲང་གཞོན་པ་ཚེ་རིང་ཐར། ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའ་ཀྲང་པད་ཁོ། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཞོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་མི་རིགས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཟུར་པ་དོན་གྲུབ་དབང་འབུམ་བཅས་ཚོགས་འདུར་ཞུགས། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་དང་། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགན་ཁུར་བློ་མཐུན་ཚོགས་འདུར་ཞུགས།
ཐེངས་འདིའི་གླེང་སྟེགས་ནིམཚོ་སྔོན་ཞིང་ཆེན་ཏང་ཨུའི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་དང་མཚོ་སྔོན་ཞིང་ཆེན་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་བྱ་བའི་མགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གིས་མཛུབ་སྟོན་བྱས་ནས། ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་གཙོ་སྒྲུབ་བྱས་ཤིང་། གཞུང་ལུགས་དང་དོན་དངོས་ཟུང་དུ་སྦྲེལ་ཞིང་། ས་གནས་ཀྱི་ཉམས་མྱོང་ཕྱོགས་བསྡོམས་བྱེད་པའི་བརྗོད་དོན་གཞུང་ལུགས་ཞིབ་འཇུག་བྱ་འགུལ་ཞིག་རེད། གླེང་སྟེགས་སྟེང་རྒྱལ་ནང་གི་མི་རིགས་རིག་པ་དང་། ཆོས་ལུགས་རིག་པ། ལོ་རྒྱུས་རིག་པ་སོགས་ཐད་ཀྱི་ཆེད་ལས་མཁས་པ་གདན་ཞུ་བྱས་ནས་མཚོ་སྔོན་གྱི་མི་རིགས་བྱ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་བློ་འདོན་ཇུས་འབུལ་བྱས། གླེང་སྟེགས་མ་འཚོགས་སྔོན་ལ། ཞིང་ཆེན་ཕྱི་ནང་གི་ཆེད་མཁས་པ་ཞེ་བཞི་སྐོར་ཁག་གཉིས་སུ་བགོས་ནས་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་བདུན་ལ་སོང་སྟེ་མི་རིགས་ཆོས་ལུགས་བྱ་བར་ཆེད་དུ་རྟོག་ཞིབ་བྱས་པ་དང་། གཞུང་ལུགས་སྐོར་གྱི་རྩོམ་ཡིག་བྲིས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་གྲུབ་འབྲས་གསར་པ་གྲུབ་ནས། མཚོ་སྔོན་གྱིས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཞིང་ཆེན་འཛུགས་པར་སྤུས་ཚད་མཐོ་བའི་རིག་གཞུང་གི་འདེགས་སྐྱོར་དང་བློ་གྲོས་ཀྱི་རྒྱབ་སྐྱོར་འདོན་སྤྲོད་བྱས།
མགོ་རྩོམ་མཛད་སྒོའི་རྗེས་སུ། བརྗོད་དོན་གཏམ་བཤད་སྤེལ་ཞིང་། དོན་གྲུབ་དབང་འབུམ་དང་། ཧའོ་ཧྲི་ཡོན། དཔལ་འབར་རྡོ་རྗེ། ཝང་ཡན་ཀྲུང་། ཏེན་ཀོ་ཆི། ཀྲོའུ་ཏཱ་མེན་བཅས་ཆེད་མཁས་པ་དྲུག་གིས་གཏམ་བཤད་བྱས། གླེང་སྟེགས་ཀྱི་ཚན་ཆུང་བགོས་ནས་གྲོས་སྡུར་བྱེད་པའི་སྐབས་སུ། ཚོགས་ཞུགས་ཆེད་ལས་མཁས་པ་རྣམས་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་གཞུང་ལུགས་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་ལག་ལེན། དུས་རབས་གསར་པའི་མི་རིགས་ས་ཁུལ་གྱི་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་གསར་གཏོད་དང་། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་ལ་སྐུལ་འདེད་གཏོང་བའི་གཞུང་ལུགས་དང་ལག་ལེན་བཅས་ཀྱི་བརྗོད་དོན་བཞི་ལ་དམིགས་ནས་བསམ་ཚུལ་བརྗེ་རེས་བྱས། ཚོགས་ཞུགས་མི་སྣ་རྣམས་ད་དུང་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་དུ་སོང་ནས་ཡུལ་དངོས་རྟོག་ཞིབ་བྱས།