མདུན་ཤོག > གསར་འགྱུར། > བོད་ལྗོངས་གསར་འགྱུར།

ཧའེ་ནན་དུ་བོད་ལྗོངས་ཀྱི་ཁྱད་ལྡན་ཐོན་རྫས200ལྷག་ཙམ་་་

2025-04-16

     ཐེངས་འདིའི་སྟོན་ཚོགས་ལ་བོད་ལྗོངས་ཀྱིས“རི་ཀླུང་མང་པོ་བརྒལ། བོད་ཟོག་ཕྱི་ལ་འདྲེན”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཏེ། “སྤུས་རྟགས་དང་། ཁྱད་ལྡན། སྤུས་ལེགས། གསར་དར”བཅས་ཀྱི་ཡུལ་ཟོག་འདྲ་མིན་སྣ་ཚོགས་ཏེ། ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་གཟིམ་སྤོས་དང་། མཐོ་སྒང་གི་ཁྱད་ལྡན་ཐོན་རྩམ་པ་དང་ཤ་སྐམ། གཏེར་ཆུ་དང་དབྱར་རྩྭ་དགུན་འབུ། ནས་ཀྱི་ཨ་རག་ལ་སོགས་ཁྱེར་ཏེ་སྟོན་ཚོགས་ལ་ཞུགས་ནས། རྒྱལ་ཁབ་ཕྱི་ནང་གི་འཛད་སྤྱོད་པར་བོད་ལྗོངས་ཀྱི་སྤུས་རྟགས་ངོ་སྤྲོད་བྱས་པ་མ་ཟད། ཡུལ་གཞན་ལ་བཙོངས་ཏེ་བོད་ལྗོངས་ཀྱི་ཁྱད་ལྡན་ཐོན་རྫས་ཀྱི་སྙན་པའི་གྲགས་པ་འཛམ་བུ་གླིང་ལ་ཁྱབ་པར་བྱ་རྒྱུ་རེད།

     གཞན་ཡང་། ཁེ་ལས་དེ་བས་མང་བ་བོད་ལྗོངས་ལ་ཡོང་བ་དང་། བོད་ལྗོངས་ལ་རྒྱུས་ལོན་བྱེད་པ། བོད་ལྗོངས་ལ་མ་འཇོག་བྱེད་པ་དང་། བོད་ལྗོངས་ཀྱི་ཁེ་ལས་དེ་བས་མང་བ་ཕྱི་ཕྱོགས་དང་འབྲེལ་བ་བྱེད་པའི་ཐབས་ལམ་འཛུགས་པ། མཐོ་སྒང་གི་ཁྱད་ལྡན་ཐོན་རྫས་དེ་བས་མང་བ་བཙོངས་ཐུབ་པ་བཅས་བྱས་ནས་བོད་ལྗོངས་འདི་ཉིད་སྔར་ལས་ལྷག་པའི་སྒོ་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་མྱུར་ལམ་ཐོག་སྐྱོད་ཐུབ་ཆེད། ཚེས14ཉིན་གྱི་སྔ་དྲོར། བོད་ལྗོངས་ཀྱི་ཚོང་འགུགས་མ་འདྲེན་གྱི་འོས་སྦྱོར་ཚོགས་འདུ་དང་རྣམ་གྲངས་གན་འཇོག་མཛད་སྒོ་ཧའེ་ཁོའུ་རུ་འཚོགས་ཤིང་། བོད་ལྗོངས་ཀྱི་གཞིས་རྩེ་དང་ཆབ་མདོའི་ཁེ་ལས་གཉིས་ཀྱིས་མ་འཇོག་གྲོས་མཐུན་བཞག་པའི་དངུལ་གྲངས་སྒོར་དུང་ཕྱུར10.15ཟིན་གྱི་ཡོད།