མདུན་ཤོག > གསར་འགྱུར། > བོད་ལྗོངས་གསར་འགྱུར།

ལྷ་ས་ནས་གཞིས་ཀ་རྩེའི་བར་དུ་མེ་འཁོར2མང་དུ་བཏང་འདུག

2025-04-15

      ཟླ4པའི་ཚེས10ཉིན་གྱི་དགོང་མོའི་ཆུ་ཚོད་བཅུ་གཉིས་ནས་བཟུང་། རྒྱལ་ཡོངས་ལྕགས་ལམ་དུ་མེ་འཁོར་འཁོར་སྐྱོད་ཀྱི་དཔེ་རིས་གསར་པ་ལག་བསྟར་བྱས་པ་དང་། མཚོ་བོད་ཚོགས་པ་ཀུང་སིས་ཇུས་གཞི་ཞིབ་ཚགས་བཟོས་ནས་འགག་རྩའི་ལྷུ་ཚིགས་ལ་དམིགས་སུ་བཀར་ནས་དཔེ་རིས་ལེགས་སྒྲིག་བདེ་འཇགས་ཡོང་བ་དང་། བརྟན་པོ་དང་གོ་རིམ་ལྡན་པའི་སྒོ་ནས་ལག་ལེན་བསྟར་རྒྱུའི་འགན་ལེན་བྱས།

      ད་ཐེངས་ཀྱི་དཔེ་རིས་ལེགས་སྒྲིག་བྱེད་སྐབས། མཚོ་བོད་ཚོགས་པ་ཀུང་སིས་འགྲུལ་པ་འགྲོ་སྐྱོད་ཀྱི་དགོས་མཁོར་དམིགས་ནས་དོ་དམ་ཁུལ་གྱི་མྱུར་ཚད་སྤྱིར་བཏང་གི་མེ་འཁོར་གཏོང་སྟངས་གཙོ་གནད་དུ་ལེགས་སུ་བཏང་ཞིང་། ལྷ་ས་ནས་གཞིས་ཀ་རྩེའི་བར་དུ་སྤྱིར་བཏང་འགྲོས་ཚད་ཀྱི་མེ་འཁོར་ཆ་གཉིས་མང་དུ་བཏང་བ་དང་། ཟི་ལིང་ནས་ན་གོར་མོ་བར་ཐེངས7581/2དང་།  ཟི་ལིང་ནས་མ་ཧའེ་བར་མེ་འཁོར་ཐེངས7583/4དེ་གཟའ་འཁོར་རེར་ཐེངས2གཏོང་རྒྱུར་ལེགས་སྒྲིག་བྱས་པ་དང་། ཟི་ལིང་ནས་ལྷ་ས་བར་མེ་འཁོར་ཐེངསZ8991/2གཏོང་བ་དང་། ནག་རི་ཆུ་ནག་ཁའི་འབབ་ཚུགས་ནས་འགྲུལ་པའི་འགྲོ་སྐྱོད་སྟབས་བདེ་རུ་བཏང་སྟེ།  ས་མཐོའི་མི་རིགས་ཁག་གི་མང་ཚོགས་ཀྱི་འགྲོ་འོང་ཐད་ཞབས་འདེགས་ཧུར་ཐག་ཞུས་ཡོད།

      ལྕགས་ལམ་སྡེ་ཚན་གྱིས། དཔེ་རིས་ལེགས་སྒྲིག་བྱས་རྗེས་མེ་འཁོར་འགྲོ་སྐྱོད་ཀྱི་ཆ་འཕྲིན་དང་ཞབས་ཞུའི་ཆ་འཕྲིན་ཐད་དུ། འགྲུལ་པ་དང་སྐུ་མགྲོན་གྱིས་ལྕགས་ལམ12306དང95306དྲ་ཚིགས་དང་། དུད་སྣེ། ཡིག་བཅར་སོགས་ཀྱི་ཐབས་ལམ་བརྒྱུད་ནས་འདྲི་རྩད་བྱེད་ཆོག་ལ།  ཡང་ན་མེ་འཁོར་འབབ་ཚུགས་ཆེ་གྲས་ཁག་གི་སྤྱི་བསྒྲགས་ལ་དོ་ཁུར་བྱེད་ཆོག་ཅེས་དྲན་སྐུལ་བྱས།