མདུན་ཤོག > གསར་འགྱུར། > བོད་ལྗོངས་གསར་འགྱུར།

ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་གིས་2025ལོའི“གཤམ་སྤེལ་གསུམ”གྱི་བྱེད་སྒོ་སྤེལ་བ།

2025-04-09
            ཉེ་ཆར་ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་གྲ་ཕྱི་ཞང་བདེ་སྐྱིད་གྲོང་གསར་གྱི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ས་ཚིགས་སུ་མི་ཚོགས་མང་ལ་ཧ་ཅང་འཁྲུག་ཆ་དོད་ཅིང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་དང“ང་རང་ཤེས་དཔལ་ལག་ལེན་ལྟེ་གནས་སུ་དུས་ཆེན་གཏོང་བཞིན་ཡོད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་2025ལོའི་རིག་གནས་ཚན་རྩལ་དང་འཕྲོད་བསྟེན“གཤམ་སྤེལ་གསུམ”གྱི་གཅིག་སྡུད་དཔེ་སྟོན་བྱེད་སྒོ་དེ་གར་སྤེལ་བ་རེད།
            ད་ཐེངས་ཀྱི་བྱེད་སྒོར་རྫོང་ཨུད་དྲིལ་བསྒྲགས་པུའུ་དང་། འཐབ་ཕྱོགས་གཅིག་གྱུར་པུའུ(མི་རིགས་ཆོས་ལུགས་ལས་དོན་ཅུས) རྫོང་མང་ཚོགས་ཚོགས་པའི་རྩ་འཛུགས་ལས་དོན་པུའུ། རྫོང་འཕེལ་སྒྱུར་ཨུ་ལྷན་སོགས་སྡེ་ཚན་མང་པོ་ཞུགས་ཡོད། སྡེ་ཚན་ཁག་གི་ལས་དོན་པ་བྱེད་སྒོར་ཧུར་ཐག་ཞུགས་པ་མ་ཟད། ད་དུང་ས་གནས་ས་ཐོག་ཏུ་དྲིལ་བསྒྲགས་སྒྲོག་འགྲེལ་བྱས་ནས། མང་ཚོགས་ལ་ཕྱོགས་ཡོངས་ཀྱི་སྲིད་ཇུས་གསལ་འགྲེལ་དང་ཞབས་ཞུའི་བློ་འདྲི་བྱས་པ་རེད།
            བྱེད་སྒོ་སྤེལ་ཡུལ་དུ་སྡེ་ཚན་ཁག་གི་ལས་དོན་པས་དྲིལ་བསྒྲགས་འགྲེམས་པང་འཛུགས་པ་དང་། དྲིལ་བསྒྲགས་དཔྱད་ཡིག་སྤྲོད་པ། ས་གནས་ས་ཐོག་ཏུ་དོགས་གནད་སེལ་བ་སོགས་ཀྱི་བྱ་ཐབས་བརྒྱུད། མང་ཚོགས་ལ་ཏང་གི་མཛད་ཕྱོགས་སྲིད་ཇུས་དང་། བཅའ་ཁྲིམས་ཀྱི་ཤེས་བྱ། བདེ་ཐང་གི་ཤེས་བྱ། ཚན་རྩལ་གྱི་ཤེས་བྱ་བཅས་ཁྱབ་གདལ་བཏང་བ་རེད།
            གྲ་ཕྱི་ཞང་གི་ཡུལ་མི་ཞིག་གིས“ད་ཐེངས་ཀྱི‘གཤམ་སྤེལ་གསུམ’གྱི་བྱེད་སྒོ་ལས་ལྟད་མོ་ཆེ་བའི་འཁྲབ་སྟོན་ལྟ་རྒྱུ་བྱུང་ལ་སྤྱོད་གོ་ཆོད་པའི་ཤེས་བྱ་ཡང་ཤེས་བྱུང་། སླད་ཕྱིན་ད་དུང་བྱེད་སྒོ་འདི་རིགས་མང་ཙམ་སྤེལ་རྒྱུའི་རེ་བ་ཡོད”ཅེས་སེམས་འགུལ་ཆེན་པོ་ཐེབས་བཞིན་དུ་བཤད།