མདུན་ཤོག > གསར་འགྱུར། > བོད་ལྗོངས་གསར་འགྱུར།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་པད་མ་གཡུ་སྒྲོན་གྱིས་གསུངས་དོན།

2025-03-13

  

      རྒྱལ་ཡོངས་སུ་གཞུང་ལམ་ཤར་གཏོང་ཐུབ་པའི་རྫོང་མཐའ་མ་སྟེ། མེ་ཏོག་རྫོང་ལ་ལོ་འདི་དག་གི་ནང་དུ་འགྱུར་ལྡོག་ཅི་འདྲ་ཞིག་བྱུང་ཡོད་དམ།

    “ཏང་ཀྲུང་དབྱང་གིས་ཐོག་མཐའ་བར་གསུམ་དུ་མཐའ་མཚམས་མི་དམངས་ལ་སེམས་ཁུར་བྱས་ཏེ་མཐའ་མཚམས་དར་རྒྱས་མི་དམངས་ཕྱུག་འགྱུར་ལ་གཏོང་བའི་སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་བཏོན་ཞིང་། མེ་ཏོག་པ་ཡིས་མི་རབས་ནས་མི་རབས་སུ་རེ་སྒུག་བྱས་པའི་གཞུང་ལམ་ཤར་གཏོང་གི་ཕུགས་འདུན་དེ་མངོན་འགྱུར་བྱུང་ཡོད”རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་། བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་མི་དམངས་ཁྲིམས་ཁང་རིམ་པ་དང་པོའི་ཁྲིམས་དཔོན་པད་མ་གཡུ་སྒྲོན་ལ་སེམས་འགུལ་ཆེན་པོ་ཐེབས་ཡོད།

     ཁོད་ཡངས་པའི་སྲ་འགྱུར་གཞུང་ལམ་བཏིང་ནས་སྔོན་ཆད་ཀྱི་ཕུགས་འདུན་མངོན་འགྱུར་བྱུང་ཡོད། ཁྱིམ་ཚང་ཚང་མར་ཆུ་གཙང་མ་དང་། གློག་བརྟན་པ། མྱུར་བགྲོད་དྲ་བ་བཅས་སྤྱོད་ཐུབ་པར་མ་ཟད། སྒོ་འགྲམ་ནས་སྨན་པ་བསྟེན་ཐུབ་ཅིང་སློབ་གྲྭར་འགྲོ་ཐུབ་པ་རེད། མང་ཚོགས་ཚོས་ཁྱད་ཆོས་ལྡན་པའི་མགྲོན་ཁང་རེ་རེ་བཙུགས་ཤིང་། རྡོ་ཁོག་བྱ་ཤ་དེ་སོགས་ས་གནས་དེ་གའི་ཞིམ་ཟས་བཙོང་བ་དང་། རི་མཐོའི་སྐྱེ་ལྡན་ཇ་འདེབས་འཛུགས་བྱས། ད་དུང་ནགས་ཚལ་དུ་པུ་ཤེལ་ཙེ་དང་སྣ་མ། ཀོ་ཤ་སོགས་དཔལ་འབྱོར་ལོ་ཏོག་བཏབ་ནས་མེ་ཏོག་རྫོང་གི་ཞིང་ལས་ཐོན་རྫས་དེ་བས་མང་པོ་རི་ཀླུང་ནས་ཕྱི་རུ་བཀྲམ། མང་ཚོགས་ཚོས“སྐྱེ་ཁམས་ཡུལ་སྐོར་གྱི་ཟ་མ”དེ་ཟ་ཐུབ་པ་རེད།

     2024ལོར། མེ་ཏོག་རྫོང་དུ་ཡུལ་སྐོར་ལ་ཡོང་བའི་མི་གྲངས་ནི་རྫོང་ཡོངས་ཀྱི་མི་འབོར་གྱི་ལྡབ40ལྷག་ཙམ་ཟིན་པ་དང་། གྲོང་གསེབ་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ནི་སྒོར24935ཟིན་ནས་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒལ་ཡོད། “ད་ལྟའི་ཚད་ནི་མི་རབས་རེ་རེའི་མེ་ཏོག་པ་ཚོའི་སྔོན་ཆད་ཀྱི་ཕུགས་འདུན་ཡིན”ཞེས་པད་མ་གཡུ་སྒྲོན་གྱིས་གསུངས་པ་དང་། ད་དུང་ཁོང་གིས“མེ་ཏོག་རྫོང་འདི་ཉིད་ཡར་ཀླུང་གཙང་པོ་དང་འདྲ་བར་མདུན་ནས་མདུན་དུ་བསྐྱོད་སྲིད”ཅེས་གསུངས།