ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། “འོད་ཟེར་སྟོང་ལྡན་གྱི་ལོ་ངོ་དྲུག་ཅུ། ཡིད་དབང་འགུག་པའི་བོད་ལྗོངས་གསར་པ། ”ཞེས་པའི་བརྗོད་དོན་གཙོ་བོའི་བཅར་འདྲི་ཚོགས་པ་བོད་ལྗོངས་ནག་ཆུའི་འབྲོག་པའི་ནོར་བུའི་བང་མཛོད་ཅེས་པའི་བོད་ཇ་ཁང་དུ་བསྐྱོད་ཅིང་། བོད་ཇ་ཁང་དེ་ནི་བོད་ལྗོངས་ནག་ཆུ་གྲོང་ཁྱེར་གྱི་ནག་ཆུའི་གྲོང་རྡལ་དུ་ཡོད་པ་དང་། རྒྱ་ཁྱོན་ལ་སྨི་ངོས་གྲུ1200ཡོད། བོད་ཇ་ཁང་གི་བར་སྟོང་རྒྱ་ཆེ་ཞིང་སྤུས་ལེགས་དང་། ནང་དུ་ཟོག་ཀོའི་ཇ་ཁུག་དང་། ས་རྫ། བསྲུབས་ཇའི་སྣོད་དང་། ལག་ཤེས་བཟོ་ལས་ཐོན་རྫས་སོགས་འབྲོག་ཁུལ་གྱི་འཚོ་བའི་ཡོ་བྱད་དང་། ཐོན་སྐྱེད་ཡོ་བྱད། བཟོ་རྩལ་ཐོན་རྫས་དང་། སྲོལ་རྒྱུན་གྱི་ཐབ་ཁ་དང་། བོད་ལྗོངས་བྱང་ཐང་གི་འབྲོག་པའི་ཡུལ་སྲོལ་རིག་གནས་ཀྱི་ཁྱད་ཆོས་མངོན་པར་བྱས་ཡོད། བོད་ཇ་ཁང་ནང་དུ་དམངས་སྲོལ་གྱི་དངོས་པོ3000ལྷག་བཤམས་སྟོན་བྱས་ཡོད་ལ། འདི་ནས་སྐུ་མགྲོན་ཚོས་ཇ་འཐུང་ནས་ལྷོད་གཡེང་བྱེད་ཞོར་དུ་འབྲོག་པའི་ཡུལ་སྲོལ་རིག་གནས་ལའང་རྒྱུས་ལོན་བྱེད་ཆོག
འདི་ནི་འབྲོག་པའི་བོད་ཇ་ཁང་དུ་བཤམས་པའི་སྣོན་ཆས་སྣ་ཚོགས།
འདི་ནི་འབྲོག་པའི་བོད་ཇ་ཁང་དུ་བཤམས་པའི་སྣོན་ཆས་སྣ་ཚོགས།
འདི་ནི་འབྲོག་པའི་བོད་ཇ་ཁང་དུ་བཤམས་པའི་སྣོན་ཆས་སྣ་ཚོགས།
འདི་ནི་འབྲོག་པའི་བོད་ཇ་ཁང་དུ་བཤམས་པའི་སྣོན་ཆས་སྣ་ཚོགས།
འདི་ནི་འབྲོག་པའི་བོད་ཇ་ཁང་ནང་གི་ཐབ་ཁ་ཡིན་པ།