མདུན་ཤོག > གསར་འགྱུར། > རྒྱལ་ནང་གསར་འགྱུར།

2025ལོའི་ཀྲུང་གོའི་དྲ་རྒྱའི་ཤེས་དཔལ་ཚོགས་ཆེན་ཨན་ཧུའེ་རུ་འཚོགས་པ།

2025-06-13

འགོ་ཚུགས་མཛད་སྒོའི་ཡུལ་དངོས།
            ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ6པའི་ཚེས10ཉིན་གྱི་སྔ་དྲོར། 2025ལོའི་ཀྲུང་གོའི་དྲ་རྒྱའི་ཤེས་དཔལ་ཚོགས་ཆེན་ཨན་ཧུའེ་ཞིང་ཆེན་ཧོ་ཧྥེ་གྲོང་ཁྱེར་དུ་འགོ་ཚུགས། ཚོགས་ཆེན་འདི་ནི་རང་རྒྱལ་གྱི་དབུས་རྒྱུད་ས་ཁུལ་དང་དེ་བཞིན་འབྲི་ཆུའི་ཟུར་གསུམ་ས་ཁུལ་དུ་འཚོགས་ཐེངས་དང་པོ་ཡིན།
            གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན།  ཐེངས་འདིའི་ཚོགས་ཆེན་གྱིས“དྲ་བའི་ནུས་ཤུགས་གཅིག་སྡུད་བྱས་ནས་དུས་རབས་ཀྱི་དར་སྲོལ་གསར་པར་སྣེ་ཁྲིད་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་ནས་འགོ་ཚུགས་མཛད་སྒོ་དང་གླེང་སྟེགས་གཙོ་བོ། གླེང་སྟེགས་ཡན་ལག་ཐེངས14“ཚན་རྩལ་ལ་བརྟེན་ནས་དྲ་རྒྱའི་ཤེས་དཔལ་གྱི་དུས་ཚོད་དང་བར་སྟོང་གསལ་བར་སྒྲོན་པ”ཞེས་པའི་བརྗོད་དོན་གཙོ་བོའི་བྱེད་སྒོ་འཚོགས།

ཨན་ཧུའེ་ཞིང་ཆེན་སྤྱི་བདེ་ཐིང་གི་ཁྲིམས་དཔྱད་སྨན་པ་དང་རྩོམ་པ་པོ་ཆིན་མིང་བྱེད་སྒོར་ཞུགས་ནས་གཏམ་བཤད་གནང་བཞིན་པ།
            གླེང་སྟེགས་གཙོ་བོར་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་དང་། ཆེད་མཁས་པ་དང་རིག་གཞུང་ཞིབ་འཇུག་པ། ཀྲུང་དབྱང་གི་གཙོ་གནད་གསར་འགྱུར་དྲ་ཚིགས་ཀྱི་འགན་འཁུར་བ། འབྲེལ་ཡོད་ཁེ་ལས་ཀྱི་འགན་འཁུར་བ། དྲང་ཕྱོགས་དྲ་རྒྱའི་གྲགས་ཅན་མི་སྣ་དང་གཞོན་ནུ་སློབ་མའི་འཐུས་ཚབ་བཅས་གདན་འདྲེན་ཞུས་ནས་བརྗོད་དོན་གཙོ་བོའི་གཏམ་བཤད་གནང་བ་དང་། 2025ལོའི་དྲ་རྒྱའི་ཤེས་དཔལ་འཛུགས་སྐྱོང་གི་ཕུལ་བྱུང་གྱོད་དཔེ་དང་གཞོན་ནུའི་དྲ་རྒྱའི་ཤེས་དཔལ་གྲོས་འགོ་ཁྱབ་བསྒྲགས་བྱས་ཏེ། དྲ་ཐོག་མང་ཚོགས་ལམ་ཕྱོགས་ཡག་པོ་ཁྲིད་པའི་དཔེ་བཟང་དྲ་རྟགས་བརྒྱའི་གྲུབ་འབྲས་འགྲེམས་སྟོན་བྱས་ཏེ། 2025ལོའི་དམངས་ཡོངས་ཀྱི་གྲངས་གཞིའི་བྱང་ཚད་དང་རྩལ་ནུས་མཐོར་འདེགས་ཀྱི་ཟླ་བའི་བྱེད་སྒོ་སྤེལ་འགོ་ཚུགས།
            རྒྱུས་ལོན་བྱུང་བར་གཞིགས་ན། གླེང་སྟེགས་ཡན་ལག་ཐེངས14ཡིས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་དྲ་ཐོག་ཏུ་ཁྱབ་སྤེལ་དང་། དྲ་རྒྱའི་ཤེས་དཔལ་སྐྱེད་སྲིང་། དྲ་རྒྱའི་རིག་གནས། དྲ་རྒྱའི་ཁྲིམས་སྐྱོང་། དྲ་རྒྱའི་དཀྲོག་གཏམ་རྩ་མེད་དུ་གཏོང་བ། དྲ་རྒྱའི་ཤེས་རིག་དང་རྒྱལ་སྤྱིའི་སྤེལ་རེས་དང་ཕན་ཚུན་དཔྱད་ཞིབ། མིས་བཟོས་རིག་ནུས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་བ།  དྲ་སྦྲེལ་སྤྱི་ཕན་འཕེལ་རྒྱས། དྲ་སྦྲེལ་ཁེ་ལས་ཀྱི་སྤྱི་ཚོགས་འགན་འཁྲི། དྲ་རྒྱའི་གཙོ་སྐྱོང་རྩེ་གྲ་གསོ་སྐྱོང་། མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོང་། རིག་ནུས་སྤྱི་ཚོགས་འཕེལ་རྒྱས་དང་བཅོས་སྐྱོང་། དམངས་ཡོངས་ཀྱི་གྲངས་གཞིའི་བྱང་ཚད་དང་རྩལ་ནུས་མཐོར་འདེགས་སོགས་བརྗོད་དོན་གཙོ་བོར་དམིགས་ནས་སྤེལ་བ་རེད།

ཚོགས་ཆེན་དུ《གཞོན་ནུའི་དྲ་རྒྱའི་ཤེས་དཔལ་གྲོས་འགོ》ཁྱབ་བསྒྲགས་བྱས་པ།
            སྐབས་འདིའི་ཚོགས་ཆེན་ནི་ཀྲུང་དབྱང་དྲ་རྒྱའི་ཆ་འཕྲིན་གཞུང་དོན་ཁང་དང་། ཀྲུང་དབྱང་བསམ་པའི་དཔལ་ཡོན་འཛུགས་སྐྱོང་གཞུང་དོན་ཁང་། ཀྲུང་གུང་ཨན་ཧུའེ་ཞིང་ཆེན་ཨུ་ལྷན། ཨན་ཧུའེ་ཞིང་ཆེན་མི་དམངས་སྲིད་གཞུང་བཅས་ཀྱིས་ཐུན་མོང་ཐོག་གཙོ་གཉེར་བྱས་པ་དང་། ཀྲུང་གོའི་དྲ་རྒྱའི་སྤྱི་ཚོགས་རྩ་འཛུགས་མཉམ་འབྲེལ་ལྷན་ཚོགས་དང་། ཨན་ཧུའེ་ཞིང་ཆེན་ཨུ་ལྷན་དྲ་རྒྱའི་ཆ་འཕྲིན་གཞུང་དོན་ཁང་། ཨན་ཧུའེ་ཞིང་ཆེན་ཤེས་རིག་གཞུང་དོན་ཁང་། ཀྲུང་གུང་ཧོ་ཧྥེ་གྲོང་ཨུད། ཧོ་ཧྥེ་གྲོང་ཁྱེར་མི་དམངས་སྲིད་གཞུང་བཅས་ཀྱིས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་པ་རེད།

རྩོམ་སྒྲིག་པ། རིག་གྲོལ།