འདི་ནི་མི་དམངས་ཉེན་རྟོག་པས་སྡོང་ཕྲུག་འཛུགས་བཞིན་པ།
འདི་ནི་མི་དམངས་ཉེན་རྟོག་པས་སྡོང་ཕྲུག་ལ་ས་སྐྱོར་རྒྱག་བཞིན་པ།
ཉེ་ཆར། བོད་ལྗོངས་གྲོ་མོ་རྒྱལ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱིས་ས་གནས་དེ་གའི་ལས་བྱེད་པ་དང་མང་ཚོགས་མཉམ་དུ་འོས་འགན་ཤིང་འཛུགས་བྱེད་སྒོ་སྤེལ་ནས་བྱ་སྤྱོད་དངོས་ལ་བརྟེན་ཏེ། ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་ལག་ལེན་བསྟར་བ་དང་མི་དམངས་ཉེན་རྟོག་པ་དང་མི་དམངས་དབར་གྱི་བརྩེ་བ་ཟབ་ཏུ་བཏང་ཡོད་ཅིང་། བྱེད་སྒོ་སྤེལ་ཡུལ་དུ་མི་དམངས་ཉེན་རྟོག་པ་དང་མང་ཚོགས་ཀྱིས་མཉམ་ལས་ཚོགས་ཆུང་བཙུགས་ནས་ཚད་གཞི་ནན་པོས་གསོམ་ཤིང་དང་ཤུག་པ་སོགས་སྡོང་ཕྲུག་བཙུགས་ཡོད། ཆུ་ཚོད་ཁ་ཤས་རིང་འབད་བརྩོན་བྱས་པ་བརྒྱུད། སྡོང་ཕྲུག་བརྒྱ་ཕྲག་ཁ་ཤས་བཙུགས་ཏེ་ས་མཐོའི་ས་གཞི་ཆེན་པོ་སྔོ་ལྗང་གིས་བརྒྱན་ཡོད