པེ་ཅིང་སློབ་གྲྭ་ཆེན་མོའི་མཚོ་བོད་ས་མཐོའི་ཞིབ་འཇུག་སློབ་གླིང་གི་ཡར་ཀླུང་གཙང་པོའི་གྲོག་རོང་ཆེན་མོའི་རི་ཐང་ཞིབ་འཇུག་ལྟེ་གནས་དེ་ཉེ་དུས་མེ་ཏོག་རྫོང་ལ་དངོས་སུ་བཙུགས་འདུག
པེ་ཅིང་སློབ་གྲྭ་ཆེན་མོའི་མཚོ་བོད་ས་མཐོའི་ཞིབ་འཇུག་སློབ་གླིང་གི་ཡར་ཀླུང་གཙང་པོའི་གྲོག་རོང་ཆེན་མོའི་རི་ཐང་ཞིབ་འཇུག་ལྟེ་གནས་བཙུགས་པ་དེས། ཚད་ངེས་ཅན་ཞིག་གི་ཐོག་ནས་མེ་ཏོག་རྫོང་གི་སྐྱེ་ཁམས་མ་ལག་ཀྱི་སྔར་ཡོད་རྣམ་པར་སྲུང་སྐྱོང་ཡག་པོ་བྱས་ཏེ། ཚེ་སྲོག་ཚན་རིག་དང་། སྐྱེ་ཁམས་རིག་པ་ཞིབ་འཇུག་ཁང་སོགས་ཀྱི་ཚན་རིག་ཞིབ་འཇུག་ཚོགས་པའི་སྟོབས་ཤུགས་རིག་ཚན་ལ་གཞོགས་འདེགས་ནུས་ལྡན་བྱས་ནས། ཕྱི་རོལ་ལྟ་ཞིབ་དང་། ཚན་རིག་ཞིབ་འཇུག ཚན་རིགས་ཀྱི་འགག་གནད་སྒྲོལ་བ། ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པ། ཚན་རིག་ཁྱབ་གདལ་སློབ་གསོ་སོགས་གཞི་གཅིག་ཏུ་བསྡུས་ཏེ། མེ་ཏོག་རྫོང་གི་སྔོ་ལྗང་གནོད་མེད་དང་། སྤུས་ཚད་མཐོ་བའི་གོང་འཕེལ། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་བྱེད་པ་སོགས་ལ་དཔེ་སྟོན་ཐུབ་རྒྱུ་རེད།