མདུན་ཤོག > མདུན་ཤོག > པར་རིས་གསར་འགྱུར།

ཀྲུང་གོར་དོམ་ཁྲ་རིགས་གཉིས་ཡོད་པ་ཁྱོད་ཀྱི་ཤེས་སམ།

2020-12-15

ཉེ་ཆར། 
དོམ་ཁྲ་དང་འབྲེལ་བ་ཡོད་པའི་གསར་འགྱུར་དགོད་བྲོ་བ་ཞིག་ཡོད་པས།
དེའི་སྐོར་ལ་གླེང་བརྗོད་མང་པོ་བྱུང་། 
མ་གཞིར་ཀྲུང་གོར་དོམ་ཁྲ་རིགས་གཉིས་ཡོད་དེ།
དེ་དག་ནི་སི་ཁྲོན་དོམ་ཁྲ་དང་ཧྲན་ཞི་ཆིན་ལིན་དོམ་ཁྲ་གཉིས་ཡིན།
དེ་གཉིས་ཀྱི་ཁྱད་པར་ནི།
གཅིག་ནི་དོམ་ཞིག་དང་འདྲ་ལ།
གཞན་ཞིག་ནི་བྱི་ལ་ཞིག་དང་འདྲ།
སི་ཁྲོན་དོམ་ཁྲ་དང་།
ཧྲན་ཞི་ཆིན་ལིན་དོམ་ཁྲ་གཉིས་ནི།
ཕ་ཡུལ་མི་གཅིག་པ་ཙམ་མ་ཡིན་པར།
རིགས་རྒྱུད་ཕལ་པ་གཉིས་རེད།
 
སི་ཁྲོན་དོམ་ཁྲ་ཡི་མགོ་བོ་ཅུང་ཆེ་ལ།
 མགོ་དབྱིབས་ཅུང་རིང་།
དོམ་ཞིག་དང་ལྷག་ཏུ་འདྲ། 

ཧྲན་ཞི་ཆིན་ལིན་དོམ་ཁྲ་ནི།
མགོ་རིལ་ལ་མཆུ་ཐུང་བ་དང་།
བྱི་ལ་ཞིག་དང་ལྷག་ཏུ་མཚུངས།
ཁོ་གཉིས་གཉེན་ཉེ་ཡིན་ཟེར་རུང་།
འོན་ཀྱངDNAཞིབ་འཇུག་ལས་མངོན་པར།
སི་ཁྲོན་དོམ་ཁྲ་དང་ཆིན་ལིན་དོམ་ཁྲ་གཉིས་དོན་དངོས་སུ་དེ་འདྲའི་འབྲེལ་འདྲིས་ཆེན་པོ་མེད་དེ།
ལོ་ཁྲི30ལ་ཕན་ཚུན་བར་འབྲེལ་འདྲིས་མེད། 
དྲ་གྲོགས་ཀྱི་དཔྱད་གཏམ།
ཁོ་གཉིས་ཕན་ཚུན་ཁ་བརྡ་བྱས་ན་གོ་བརྡ་འཕྲོད་ཐུབ་བམ།

རྩོམ་སྒྲིག་པ། བདེ་སྒྲོལ།