མདུན་ཤོག > མདུན་ཤོག > པར་རིས་གསར་འགྱུར།

ཡར་ཀླུང་གཙང་པོའི་རོང་ཆེན་དེ་ལྗོངས་ཁུལ་A5རིམ་པར་གཏན་འཁེལ་བྱ་རྒྱུ་རེད།

2020-11-04

          རིག་གནས་ཡུལ་སྐོར་པུའུ་ཡི་དྲ་ཚུགས་ཐོག་གནས་ཚུལ་སྤེལ་དོན། ཚེས2ཉིན་རིག་གནས་ཡུལ་སྐོར་པུའུ་ཡིས་ཡོངས་བསྒྲགས་བྱས་པ་ལྟར་ན་བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་གྱི་ཡར་ཀླུང་གཙང་པོའི་རོང་ཆེན་ཡུལ་སྐོར་མཛེས་ལྗོངས་ཁུལ་དེ་རྒྱལ་ཁབ་ཀྱི་ཡུལ་སྐོར་མཛེས་ལྗོངས་ཁུལA5རིམ་པའི་ཚད་གཞིའི་བླང་བྱར་སླེབས་འདུག་པས་རྒྱལ་ཁབ་ཀྱི་ཡུལ་སྐོར་མཛེས་ལྗོངས་ཁུལA5རིམ་པར་གཏན་འཁེལ་བྱ་རྩིས་འདུག

          ཡོངས་བསྒྲགས་ནང་དུ་བསྟན་དོན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཚད་གཞི་སྟེ《ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་སྤུས་ཚད་རིམ་པ་དབྱེ་འབྱེད་དང་དཔྱད་བསྡུར་གཏན་འབེབས》དང《ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་སྤུས་ཚད་རིམ་པའི་དོ་དམ་བྱ་ཐབས》གཞིར་བཟུང་ནས།  བོད་རང་སྐྱོང་ལྗོངས་རིག་གནས་དང་ཡུལ་སྐོར་སྲིད་འཛིན་སྡེ་ཚན་གྱིས་འོས་སྦྱོར་བྱས་པ་བརྒྱུད་རིག་གནས་དང་ཡུལ་སྐོར་པུའུ་ཡིས་གོ་རིམ་ལྟར་ཕྱོགས་བསྡུས་ཀྱིས་དཔྱད་བསྡུར་གཏན་འབེབས་བྱ་རྒྱུ་སྒྲིག་འཛུགས་བྱས་པ་དང་། བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་གྱི་ཡར་ཀླུང་གཙང་པོའི་རོང་ཆེན་ཡུལ་སྐོར་མཛེས་ལྗོངས་ཁུལ་དེ་རྒྱལ་ཁབ་ཀྱི་ཡུལ་སྐོར་མཛེས་ལྗོངས་ཁུལA5རིམ་པ་གྱི་ཚད་གཞིའི་བླང་བྱར་སླེབས་ནས། རྒྱལ་ཁབ་ཀྱི་ཡུལ་སྐོར་མཛེས་ལྗོངས་ཁུལA5རིམ་པར་གཏན་འཁེལ་བྱ་རྩིས་ཡོད་པ་ད་ལྟ་ཡོངས་བསྒྲགས་བྱས་པ་ཡིན། 
          ཡོངས་བསྒྲགས་དུས་ཡུན་ནི2020ལོའི་ཟླ11པའི་ཚེས2ཉིན་ནས་ཟླ11པའི་ཚེས8ཉིན་བར་ཡིན། གལ་ཏེ་ཡོངས་བསྒྲགས་དུས་ཡུན་དུ་བསམ་འཆར་མི་མཐུན་པ་ཡོད་ཚེ་གློག་རྡུལ་སྦྲག་ཡིག་གམ་བརྙན་སྐྱེལ་བརྒྱུད་ནས་བསམ་འཆར་འདོན་ཆོག 
རྩོམ་སྒྲིག་པ། བདེ་སྒྲོལ།