མདུན་ཤོག > མདུན་ཤོག > གསར་འགྱུར་མེ་ལོང་།

བོད་ལྗོངས་ཕག་རིས་དུས་ཆེན་གྱི་བྱེད་སྒོ་འདི་འདྲ་ཞིག་སྤེལ་འདུག

2025-06-04
     ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ལྔ་པའི་ཚེས་ལྔའི་དུས་ཆེན་མཚམས་སུ། བོད་ལྗོངས་གཞིས་རྩེ་ཕག་རིའི་མཐའ་མཚམས་མངགས་གཏོང་ཁང་གིས་ཕག་རི་གྲོང་རྡལ་སྲིད་གཞུང་དང་། སྡེ་ཁུལ་བཞིའི་ཏང་ཀྲི་པུའུ་དང་མཉམ་དུ་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་བྱེད་སྒོ་སྤེལ་ནས། ཀྲུང་ཧྭ་ཡི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་དང་། ཉེན་རྟོག་པ་དང་མི་དམངས་ཐུན་མོང་འཛུགས་སྐྱོང་གཏིང་ཟབ་ཏུ་བཏང་སྟེ། མཐའ་མཚམས་བདེ་འཇགས་འགོག་སྲུང་འཛིང་རགས་བརྟན་པོ་བསྐྲུན་ཡོད།

ཕག་རི་མཐའ་མཚམས་མངགས་གཏོང་ཁང་གི་ཏང་ཀྲི་པུའུ་དང་སྡེ་ཁུལ་བཞིའི་ཏང་ཀྲི་པུའུ་ཡིས་མཉམ་གཏོད་མཉམ་སྐྲུན་གྱི་གྲོས་མཐུན་ཡི་གེ་འཇོག་བཞིན་པ།
     བྱེད་སྒོའི་ཁྲོད། སྡེ་ཁུལ་བཞིའི་ཏང་ཀྲི་པུའུ་དང་ཕག་རི་མཐའ་མཚམས་མངགས་གཏོང་ཁང་གི་ཏང་ཀྲི་པུའུ་གཉིས་ཀྱིས་མཉམ་གཏོད་མཉམ་སྐྲུན་གྱི་གྲོས་མཐུན་ཡི་གེ་བཞག་ནས། གཞི་རིམ་གྱི་ཏང་འཛུགས་སྐྱོང་དང་། ཉེན་ཁ་མཉམ་འགོག འགལ་བ་འདུམ་འགྲིག་སོགས་ཁྱབ་ཁོངས་ལ་དམིགས་ཏེ་ཐོན་ཁུངས་མཉམ་སྤྱོད་དང་། དགེ་མཚན་གསབ་རེས། མཐུན་སྦྱོར་འཕེལ་རྒྱས་བཅས་ཀྱི་མཉམ་ལས་ལམ་སྲོལ་བཙུགས་པ་རེད། སྡེ་ཁུལ་བཞིའི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་ཕག་རི་མཐའ་མཚམས་མངགས་གཏོང་ཁང་ལ་ནང་དོན་ཕུན་སུམ་ཚོགས་པའི་དཔེ་དེབ་དང་ཁྱད་ཆོས་ལྡན་པའི་དྲན་རྟེན་དངོས་རྫས་ཞལ་འདེབས་ཕུལ་ནས་ཉེན་རྟོག་པའི་རིག་གནས་གཡུལ་ས་ཕུན་སུམ་ཚོགས་སུ་བཏང་ཞིང་མང་ཚོགས་ཀྱིས་མཐའ་སྲུང་དཔུང་ཁག་ལ་གུས་བཀུར་དང་རྒྱབ་སྐྱོར་བྱས་པ་བརྒྱུད་སྤྲོད་བྱས་ཡོད།

ཉེན་རྟོག་པ་དང་མང་ཚོགས་ཀྱིས་བཞུགས་མོལ་བྱེད་སྒོ་སྤེལ་བཞིན་པ།
     བཞུགས་མོལ་ཁྲོད། མི་དམངས་ཉེན་རྟོག་པ་དང་གྲོང་རྡལ་སྲིད་གཞུང་གི་ལས་བྱེད་པ། སྡེ་ཁུལ་གྱི་འཐུས་མི་བཅས་ཀྱིས་ལྔ་པའི་ཚེས་ལྔའི་རིག་གནས་འབྲེལ་ཐག་ཏུ་བྱས་ཏེ། མཐའ་མཚམས་སྐོར་གཡེང་དང་དམངས་འཚོ་འགན་སྲུང་སོགས་ཀྱི་ལས་ཀའི་དོན་དངོས་དང་ཟུང་འབྲེལ་གྱིས། ཐོག་མའི་བསམ་འདུན་གྱི་འགན་འཁྲི་དོན་གཉེར་གྱི་གསོན་ཉམས་ལྡན་པའི་ལག་ལེན་སྐོར་མཉམ་དུ་གླེང་མོལ་བྱས་པ་དང་། བོ་ལི་རྒྱག་པའི་སྲོལ་རྒྱུན་རོལ་རྩེད་ཀྱིས་བྱེད་སྒོའི་རྣམ་པ་འཁྲུག་ཆ་དོད་དུ་བཏང་ཡོད།
     བྱེད་སྒོའི་མཇུག་ཏུ། ཉེན་རྟོག་པ་དང་མི་དམངས་ཀྱིས་མཉམ་དུ་འཚམས་འདྲི་ཚོགས་ཆུང་བཙུགས་ནས་ཁོངས་གཏོགས་ས་ཁུལ་གྱི་ཐག་རིང་ལུང་ཁུག་གི་འབྲོག་པ་མང་ཚོགས་དང་། རྒན་རྒོན། དེ་བཞིན་མངགས་གཏོང་ཁང་གི་ལས་གནས་སུ་འགྲོ་འོང་བྱེད་མཁན་མང་ཚོགས་ལ་ལོ་འགྲིལ་འབྲས་ཆང་སྤྲད་ནས་དུས་ཆེན་གྱི་དྲོ་སྐྱིད་ལ་བརྟེན་ནས་ཏང་དང་སྲིད་གཞུང་གི་བརྩེ་སེམས་བརྒྱུད་སྤྲོད་བྱས་ཏེ། མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་མཐའ་མཚམས་ཀྱི་འཐབ་ཕྱོགས་སུ་མཚར་སྡུག་རྣམ་པར་བཀྲ་བར་བཞད།