མདུན་ཤོག > མདུན་ཤོག > གསར་འགྱུར་མེ་ལོང་།

བྱ་ཐབས་སྣ་མང་སྤྱད་དེ་མང་ཚོགས་ཀྱི་ལས་གཏོད་འབབ་འཕར་ལ་སྐུལ་འདེད་བཏང་བ།

2020-08-25
          མེ་ཏོག་རྫོང་གི་སྐབས་དགུ་པའི་གྲོང་སྡོད་ལས་དོན་རུ་ཁག་བཅའ་སྡོད་བྱས་ཚུན་འགན་འཁྲི་བློ་ལ་བརྟན་པོར་ངེས་ནས་མང་ཚོགས་དབུལ་པོའི་བསམ་བློའི་འདུ་ཤེས་ལ་འགྱུར་ལྡོག་གཏོང་བར་ཁྲིད་སྟོན་ཧུར་ཐག་བྱས་ཏེ་ཞིང་འབྲོག་མང་ཚོགས་ལ་ཕྱུག་འགྱུར་གྱི་ཐབས་ལམ་འཚོལ་རོགས་བྱས་པ་དང་མང་ཚོགས་ཀྱི་ལས་གཏོད་འབབ་འཕར་ལ་སྐུལ་འདེད་བཏང་ནས་དཔལ་འབྱོར་ཡོང་འབབ་མང་དུ་བཏང་ཡོད།
          དབུལ་སྒྲོལ་གྱི་ཕན་འབྲས་རྒྱུན་ཆད་མེད་པར་སྲ་བརྟན་དང་ཆེ་རུ་བཏང་ཞིང་། གྲོང་སྡོད་ལས་དོན་རུ་ཁག་ཁག་གིས་ཕྱར་བ་གྲུ་འདེགས་ངང་དབུལ་སྒྲོལ་ལ་དམ་འཛིན་དང་འགག་སྒྲོལ་དཀའ་སེལ་གྱིས་ཞན་ཆ་བསལ་ནས་རྫོང་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བ་རེད། རྩལ་ནུས་གསོ་སྦྱོང་ལ་ཤུགས་སྣོན་བརྒྱབ་ནས་གསོ་སྦྱོང་སྒྲིག་གཞི་སྣ་ཚོགས་དང་འབྲེལ་མཐུད་ཧུར་ཐག་གིས་ཞིང་འབྲོག་མང་ཚོགས་ལ་ལས་ཞུགས་རྩལ་ནུས་དང་ལག་རྩལ་གསོ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་རོགས་བྱས་ཏེ་མང་ཚོགས་ལ་ཆ་འཕྲིན་གྱི་ཞབས་འདེགས་སྣ་ཚོགས་ཞུས་པ་དང་ཁྲོམ་ར་དང་འབྲེལ་བ་བྱེད་རོགས་བྱས་པ་དང་། མང་ཚོགས་ཀྱི་སྣེ་ཁྲིད་དེ་སེམས་ཁམས་ཀྱི་འགོག་རྐྱེན་བསལ་བ། ཞིང་འབྲོག་མང་ཚོགས་ཀྱི་ནང་སྐྱེས་སྒུལ་ཤུགས་ཟམ་མི་ཆད་པར་འཕེལ་བ་དང་ཆེ་རུ་བཏང་སྟེ“གཞན་བརྟེན”ནས“རང་བརྟེན”དུ་འགྱུར་བར་བྱས་ཡོད། སྟག་མོ་ཤང་སྟག་མོ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་དོན་དངོས་ལ་གཞི་ཚུགས་ཏེ། བརྟག་དཔྱད་ཞིབ་འཇུག་དང་རིགས་པས་ཁུངས་སྐྱེལ་གང་ལེགས་བྱས་རྗེས་དུས་ཐོག་ཏུ་མངགས་གཏོང་ཚན་པ་དང་འབྲེལ་གཏུག་བྱས་ནས་རྣམ་གྲངས་ཀྱི་མ་དངུལ་སྒོར་ཁྲི་8བརྩོན་ལེན་བྱས་པ་དང་མོག་རོ་ཐུམ་6000དང་བེ་ཤ་དཀར་པོ་ཐུམ་3000ནང་འདྲེན་བྱས་པ་རེད། མིག་སྔར་མོག་རོ་འདེབས་འཛུགས་བྱས་པ་དང་འབྲེལ་མོག་རོ་སྤྱི་རྒྱ་15འཐུ་རྒྱུ་བྱུང་ཡོད།
          མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་འཇགས་ཚོར་སེམས་ཆེ་རུ་ཏན་ཏིག་བཏང་ཞིང་། གྲོང་ཚོ“ཨུ་ལྷན་གཉིས”ལ་གཞོགས་འདེགས་ཧུར་ཐག་བྱས་ནས་གྲོང་ཚོ་རིམ་པའི་སྐོར་གཡེང་རུ་ཁག་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ། ཉིན་ལྟར་གནས་ཚུལ་མེད་ཀྱང་སྙན་སེང་ཕུལ་བའི་ལམ་ལུགས་ལག་བསྟར་ནན་ཏན་བྱས་ནས་དུས་བདེ་ཞི་མཐུན་གྱི་གྲོང་ཚོ་དང་དུད་ཚང་བསྐྲུན་རྒྱུར་སྐུལ་འདེད་ཏན་ཏིག་བཏང་ཡོད། མིག་སྔའི་བར། གྲོང་སྡོད་ལས་དོན་རུ་ཁག་ཁག་གིས་བདེ་འཇགས་ཐོན་སྐྱེད་ཀྱི་མངོན་མེད་རྐྱེན་ངན་སྣ་ཚོགས་གྲལ་བཤེར་ཐེངས་463བྱས་པ་དང་ཏང་ཡོན་ལས་བྱེད་པ་མི་ཐེངས་1826བཏང་བ། འགལ་ཟླ་སྣ་ཚོགས་ཁག་6བསལ་བ། ངོ་བཅར་བྱེད་མཁན་མང་ཚོགས་མི་ཐེངས་10ཐག་གཅོད་འོས་འཚམ་བྱས་ཡོད།